སྤྱི་ལོ་ ༢༠༡༢ ལོར་གསར་འཛུགས་བྱས་པའི་ཧྥ་རན་སིའི་བོད་རིག་པའི་ཚོགས་པ་ནི།   བོད་རིག་པའི་སློབ་གཉེར་བ་དང་གཙུག་ལག་སློབ་དཔོན།   ཉམས་ཞིབ་པ་རྣམས་འདུ་སྐོང་བྱེད་ཆེད་བཙུགས་ཡོད་འདུག   དེའི་དམིགས་ཡུལ་ནི་བོད་དང་འབྲེལ་བའི་ཞིབ་འཇུག་རྒྱབ་སྐྱོར་དང་གོང་འཕེལ་གཏོང་རྒྱུ་ཡིན་ཏེ།

  • ཆེད་ལས་པ་དང་ཉམས་ཞིབ་པ།   སློབ་དཔོན་དང་སློབ་གཉེར་བ་བར་གྱི་བསམ་བློ་བརྗེད་རེས་དང་ དཔྱད་ཞིབ།
  • ཚན་རིག་དང་རིག་གཞུང་གི་ཤེས་བྱ་འགྲེམ་སྤེལ།
  • མཐོ་སློབ་དང་ཞིབ་འཇུག་ཁང་ཁག་དབར་གྱི་མཉམ་འབྲེལ།

ཧྥ་རན་སི་དང་ཕྱི་རྒྱལ་གྱི་མཐོ་སློབ་དང་ཞིབ་འཇུག་ཁང་།   དཔྱད་ཞིབ་ཚོགས་པ་སོགས་དབར་གྱི་འབྲེལ་ལམ།

ཚོགས་པ་ནས་གསར་བཟོ་བྱས་ཡོད་པའི་དྲ་ཚིགས་ནང་།   ཧྥ་རན་སིའི་བོད་རིག་པའི་སློབ་གཉེར་ཁང་དང་ཞིབ་འཇུག་ཁང་ཁག་གི་གནས་ཚུལ་དང་།    དཔྱད་གླེང་ཚོགས་འདུ་དང་།   གསར་ཏུ་པར་སྐྲུན་བྱས་པའི་དཔེ་དེབ།   འབུམ་རམས་པའི་ཆེད་རྩོམ་གྱི་དཔྱད་གླེང་དང་མཇུག་འབྲས།   སློབ་ཡོན།   ཉམས་ཞིབ་པ་དང་སློབ་དཔོན་གྱི་གོ་གནས་སོགས་ཧྥ་རན་སི་དང་ཕྱི་རྒྱལ་གཉིས་སུ་བོད་རིག་པ་དང་འབྲེལ་ཡོད་དཔྱད་ཞིབ་ཀྱི་གསར་འགྱུར།   བོད་ཀྱི་རིག་གཞུང་དང་འབྲེལ་ཡོད་ཀྱི་འགྲེམས་སྟོན་དང་།   གློག་བརྙན་ སོགས་ཀྱི་གནས་ཚུལ་ཁག་བཀོད་ཀྱི་ཡོད་འདུག

སྤྱི་ལོ་ ༢༠༡༢ ལོ་ནས་བཟུང་ཧྥ་རན་སིའི་བོད་རིག་པའི་ཚོགས་པ་ནས་གཤམ་གྱི་ལས་འགུལ་སྤེལ་ཡོད།

  • ལོ་རེར་ བོད་རིག་པའི་སྐོར་ཉམས་ཞིབ་བྱེད་མཁན་ཆེད་ལས་པ་རྣམས་ཀྱིས་སོ་སོའི་ཞིབ་འཇུག་གི་འབྲས་བུ་ངོ་སྤྲོད་བྱེད་སའི་གཏམ་བཤད་ཐེངས་ ༦ ནས་ ༨ བར།
  • བརྗོད་གཞི་ཁག་སྐོར་གྱི་གྲོས་གླེང་ཁག་སྟེ།   སྤྱི་ལོ་ ༢༠༡༤ ལོར་༼བོད་ཀྱི་དཔལ་ཡོན་ཁུལ་དུ་སྐྲ་དང་སྐྲ་ལ་ལྟ་སྟངས།༽དང་སྤྱི་ལོ་ ༢༠༡༦ ལོར་༼ཧྥ་རན་སི་ནང་གི་བོད་རིག་པ།༽
  • སྤྱི་ལོ་ ༢༠༡༣  དང ༢༠༡༨ ལོ་ཁག་གཉིས་རིང་བོད་རིག་པའི་འབུམ་རམ་པའི་སློབ་མའི་ གྲོས་གླེང་ཚོགས་འདུ།
  • དེ་མིན་མི་མང་ལ་གཏམ་བཤད་དང་གློག་བརྙན་གཟིགས་འབུལ། དཔེ་དེབ་ངོ་སྤྲོད་སོགས།

སྤྱི་ལོ་ ༢༠༢༢ ནས་ ༢༠༢༤ ལོའི་བར་གྱི་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་ལས་ཁུངས་ཀྱི་ལས་བྱེད་པའི་མཚན་ཐོ།

ལས་ཁུངས་ཀྱི་ལས་བྱེད།

ཚོགས་གཙོ། Françoise Robin
ཚོགས་གཞོན། Emanuela Garatti
དངུལ་གཉེར། Camille Simon
དྲུང་ཆེ། Rachel Guidoni

འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི།  

Chandra Ehm, EPHE-CRCAO
Xénia de Heering, EHESS-CECMC
Emanuela Garatti, EPHE-CRCAO
Jean-Baptiste Georges-Picot, EPHE-CRCAO
Rachel Guidoni, CNRS-ANHIMA
Françoise Robin, INALCO-ASIEs
Nicola Schneider, INALCO-CRCAO
Camille Simon, LaCiTo

ཞིབ་ཕྲ་མཁྱེན་འདོད་ཡོད་ཚེ་གློག་འཕྲིན་ཁ་བྱང་sfemt.contact@gmail.comཐོག་ཕེབས་ནས་ཡིག་འབྲེལ་གནང་རོགས།

Partager ce contenu